(འདོན་ ༢༢༨) བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་དུས་སྟོན།
སྤྱིར་བོད་ཀྱི་ཟློས་གར་ཚོགས་པ་ནི་རང་རེའི་བཙན་བྱོལ་ནང་བོད་ཀྱི་སྲོལ་རྒྱུན་ཟློས་གར་གྱི་སྒྱུ་རྩལ་མི་ཉམས་བརྒྱུད་ཞུ་མཁན་ཚོགས་པ་ཆེ་ཤོས་དང་ཚགས་ཚུད་ཤོས་ཀྱི་སྒྲིག་འཛུགས་ཤིག་ཆགས་ཀྱི་ཡོད་པ་རེད། བོད་ཀྱི་ཟློས་གར་ཚོགས་པར་རུ་ཁག་ཁང་ཚན་གཉིས་ཡོད་པ་དང་དེ་དག་ནི་རྔོན་པ་རུ་ཁག་དང་རྒྱལ་གླུ་རུ་ཁག་ཡིན་པ་རེད། ལོ་འཁོར་གཅིག་གི་ཟློས་གར་སྒྱུ་རྩལ་དང་འབྲེལ་བའི་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་པའི་ཁོངས་སུ་ལོ་ལྟར་དབྱར་སྐྱིད་ཞེས་རོལ་དབྱངས་ཀྱི་དུས་སྟོན་ཞིག་གོ་སྒྲིག་ཞུ་བཞིན་ཡོད་པ་ནི་ལས་དོན་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། དབྱར་སྐྱིད་སྐབས་...
(འདོན་ ༢༢༧) བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལོ་ངོ་ ༦༠ ལས་དོན་གྲུབ་འབྲས།
༄༅། །བདུན་ཕྲག་འདིའི་གླེང་མོལ་གྱི་ལས་རིམ་ནང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ལྷན་ནང་སྲིད་ལས་ཁུངས་ཀྱི་བོད་ནས་འབྱོར་བ་སྡོད་ཁང་དཀའ་ངལ་ཅན་བོད་མི་རྣམས་ལ་ཁང་པའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ལས་གཞི་རིམ་པ་ཁག་ཅིག་ལག་བསྟར་དང་དེ་བཞིན་བཙན་བྱོལ་དུ་འབྱོར་ནས་འདས་པའི་ལོ་དྲུག་བཅུའི་ནང་ནང་སྲིད་ལས་ཁུངས་ཀྱི་ལས་དོན་ཐད་གྲུབ་འབྲས་ཇི་སོན་སྐོར་བགྲོ་གླེང་ཁག་ཅིག་ཞུས་ཡོད།
(འདོན་ ༢༢༦) པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་འགྱུར་བའི་གནད་དོན་དང་འབྲེལ་བའི་སྐོར།
ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་དམར་གཞུང་ནས་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་འགྱུར་བའི་དུས་ཚིགས་དང་འབྲེལ་བའི་སྐོར་གྱི་གླེང་མོལ་ལས་རིམ།
Panel Discussion on Enforced Disappearance of Panchen Gedhun Choekyi Nyima on 17th May 1995
(འདོན་ ༢༢༥) གྱུར་དུག་ནད་གཞི་ངོ་སྤྲོད་དང་སྔོན་འགོག་བྱ་ཚུལ།
བཙན་བྱོལ་བོད་མིའི་མང་ཚོགས་འཕྲོད་བསྟེན་ཤེས་བྱའི་གོ་རྟོགས་གོང་འཕེལ་ཡོང་ཆེད་དང་སྤྱི་ཡོང་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་ཡོང་ཕྱིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་གཉིས་ཟུང་འབྲེལ་ཐོག་ཟླ་རེར་འཕྲོད་བསྟེན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གི་ལས་རིམ་རེ་རྒྱང་སྲིང་ཞུ་བཞིན་པ་བཞིན། ཐེངས་འདིའི་ལས་རིམ་ནང་དུ་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ་སྨན་རམས་པ་ངག་དབང་བཟོད་པ་དང་སྨན་དགེ་སྨན་རམས་པ་པདྨ་ཚེ་མཚོ་ལགས་གཉིས་དང་མཉམ་དུ་གྱུར་དུག་ནད་གཞི་ངོ་སྤྲོད་དང་སྔོན་འགོག་ཐོག...
(འདོན་ ༢༢༤) བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི།
༄༅། །ཕྱི་ལོ་ ༢༠༡༩་་་༢༠༢༠ ལོའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ཁོང་ཐོ་འགོད་བྱ་རྒྱུའི་ལས་གཞི་མཇུག་སྒྲིལ་གནང་ཡོད་པ་རེད། དེ་རིང་གླེང་མོལ་གྱི་ལས་རིམ་འདིའི་ནང་དུ་འཕྲོད་བསྟེན་ལས་ཁུངས་སྨན་བཅོས་བལྟ་སྐྱོང་ལས་གཞིའི་འགན་འཛིན་ཉི་མ་རྒྱལ་མཚན་ལགས་དང་མཉམ་དུ་ལས་གཞི་འདིའི་དམིགས་ཡུལ་དང་གལ་གནད། དེ་བཞིན་ད་ལྟའི་གནས་སྟངས་སོགས་ཀྱི་ཐོག་བཅར་འདྲི་ཁག་ཅིག་ཞུས་ཡོད།
(འདོན་ ༢༢༣) ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་སྐོར།
༧ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་སྐོར་གླེང་མོལ་གྱི་ལས་རིམ།
(འདོན་ ༢༢༢) ༧གོང་ས་མཆོག་གིས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ནས་ལོ་ ༦༠ འཁོར་བའི་རྗེས་དྲན།
ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་བོད་མིའི་སྒྲིག་འཛུགས་སྤྱིའི་མ་དངུལ་ཁོངས་ནས་ཆོས་རིག་ལས་ཁུངས་བརྒྱུད་བཙན་བྱོལ་བོད་པའི་དགོན་སྡེ་ཁག་གི་གཞུང་ཆེན་དཔེ་འཁྲིད་དགེ་རྒན་རྣམས་གཙོ་བོ་དང་། དེ་བཞིན་སྒྲུབ་སྡེའི་སྒོམ་འཁྲིད་དགེ་རྒན། དགོན་པའི་སློབ་གྲྭ་ཁག་གི་གཞི་རིམ་ནང་དོན་རིག་པའི་དགེ་རྒན། དགོན་སྡེ་ཆུང་ཁག་གི་ཆོས་སྤྱོད་དཔེ་སློབ་དགེ་རྒན་བཅས་ཐེ་བའི་ཁྱོན་བསྡོམས་དགེ་རྒན་གྲངས་ ༤༡༦ ཙམ་ལ་ཟླ་བ་རེར་ཧིན་སྒོར་ ༣༠༠༠ (སུམ་སྟོང་ཐམ་པ་) རེ་གླ་ཕོགས་ཀྱི་ངོ་བོ་མིན་པར་ལེགས་གསོལ་མཚོན་བྱེད་འགྲེམས་འབུལ་ཞུ་རྒྱུ་ཡིན་པ་རེད། ཐེངས་འདིའི་གླེང་མོལ་ག...
(འདོན་ ༢༢༡) བཤང་འགག་ནད་གཞི་ངོ་སྤྲོད་དང་སྔོན་འགོག་བཅོས་ཐབས།
བཙན་བྱོལ་བོད་མིའི་མང་ཚོགས་འཕྲོད་བསྟེན་ཤེས་བྱའི་གོ་རྟོགས་གོང་འཕེལ་ཡོང་ཆེད་དང་སྤྱི་ཡོང་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་ཡོང་ཕྱིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་གཉིས་ཟུང་འབྲེལ་ཐོག་ཟླ་རེར་འཕྲོད་བསྟེན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གི་ལས་རིམ་རེ་རྒྱང་སྲིང་ཞུ་བཞིན་པ་བཞིན། ཐེངས་འདིའི་ལས་རིམ་ནང་དུ་བོད་ཀྱི་སྨན་རྩིས་ཁང་གི་སྨན་རམས་པ་བསུ་སྣང་ངག་དབང་སྦྱིན་པ་ལགས་དང་སྨན་པ་བསོད་ནམས་དབང་མོ་ལགས་གཉིས་དང་མཉམ་དུ་བཤང་འགག་ནད་གཞི་ངོ་སྤྲོད་དང་སྔོན་འགོག་བྱ་ཚུལ་ཐོག་བགྲོ...







