བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༣།༢༤ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– March 24, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་གཙང་ཆོལ་ཁ་དང་། མང་ཡུལ་སྐྱིད་གྲོང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ།
◆ ༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་རྒྱལ་ས་ཁེན་བྷེ་རར་༧ཞབས་སོར་འཁོད་གནང་མཛད་པ།
◆ སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཧྥ་རན་སི་སྲིད་འཛིན་སྐུ་ཞབས་ Emmanuel Macron མཆོག་དང་མཇལ་འཕྲད་གནང་བ།
◆ ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཉིན་བཞིའི་རིང་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་...
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༣།༢༣ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– March 23, 2026
◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་བཞིན་ཁྲིམས་དོན་དང་བཟང་སྤྱོད་ཀྱི་ཐོག་ནས་ཚོད་འཛིན་ཐེབས་པའི་ནུས་པ་མེད་པ་ངོས་འཛིན་གྱི་གྲོས་ཆོད་བཞག་པ།
◆ ལྷ་ལྡན་འགྲོ་ཕན་སྨན་རྩིས་གླིང་ཕྱག་བཏབ་ནས་མི་ལོ་ ༡༡༠ འཁོར་བ་དང་བཞུགས་སྒར་དུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་མཛད་ནས་ལོ་ངོ་ ༦༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
◆ ཧོན་སུར་རབ་རྒྱས་གླིང་གི་ས་གནས་འཐུས་ཚོགས་སྐབས་ ༡༢ པའི་ལས་འཁུར་དམ་འབུལ་ལེགས་གྲུབ་ཟིན་པ།
◆ ནང་སྲིད་དྲུང་འཕར་ཐུབ་བསྟན་ཚེ་རིང་ལགས་...
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༣།༡༩ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– March 19, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་གཙང་ཆོལ་ཁ་དང་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སོགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ།
◆ སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བའི་ཉེན་ཚབས་སྐོར་བཀའ་བསྡུར་གནང་བ།
◆ ལྷོ་ཕྱོགས་གཞིས་ཆགས་ཁག་གི་སོ་ནམ་སློབ་སྟོན་པ་རྣམས་ནས་ཀརནཱ་ཊཀ་མངའ་གཞུང་གི་སོ་ནམ་ལས་ཁུངས་ཀྱི་མཐོ་རིམ་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཞུས་པ།
◆ ༧སྐུའི...
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༣།༡༨ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– March 18, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་ཁྲོད་སེམས་པ་བཟང་པོ་དང་སྙིང་སྟོབས་ལྡན་པ་ཞིག་བྱ་དགོས་པའི་བཀའ་སློབ་སྩལ་བ།
◆ དབུས་འོས་བསྡུ་ལས་ཁང་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོའི་འོས་དམིགས་གསལ་བསྐྱངས་པ།
◆ ལྷོ་ཁུལ་སོ་ནམ་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་སོ་ནམ་པ་རྣམས་མཉམ་འཛོམས་ཐོག་སྐྱུར་ཏོག་ཚོང་ལས་སྐོར་གྱི་ཚོགས་འདུ་ཚོགས་པ།
https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH
https://ghoton.net https://hhthedalailama90.net
#da...
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༣།༡༧ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– March 17, 2026
◆ བཞུགས་སྒར་དུ་ཕེབས་པའི་ཨ་རི་དང་རྒྱ་ནག་དབར་གྱི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་དང་ཨོ་གླིང་བོད་དོན་ལྷན་ཚོགས་ཀྱི་ཚོགས་མི་སོ་སོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་ལྷན་དུ་མཇལ་འཕྲད་གནང་བ།
◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་མང་གཙོ་སྐོར་གྱི་པར་རིས་འགྲེམས་སྟོན་དང་། ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་ཚོགས་པ་ནས་སློབ་གྲྭ་གཉིས་ལ་ཡིག་ཆས་བགོ་འགྲེམས། ཉི་འོང་སྐུ་ཚབ་དོན་ཁང་ནས་Sakura ཤིང་སྡོང་འདེབས་འཛུགས་བཅས་ཀྱི་ལམ་ནས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ།
◆ མངོན་ད...
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༣།༡༦ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– March 16, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གི་སྐབས་དང་པོའི་མཁན་མོ་བཅུ་དགུ་ལ་མཇལ་ཁ་སྩལ་བ།
◆ སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་དབུ་འཛུགས་གནང་བ།
◆ དོན་གྲུབ་རྒྱལ་པོ་ལགས་ཀྱིས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་རྩིས་བཞེས་གནང་བ།
◆ ཉི་འོང་ནང་བསྟན་མཐུན་ཚོགས་ནས་བོད་དོན་དང་འབྲེལ་བའི་སྨོན་ལམ་གསུང་འདོན་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་གྱི་པར་རིས་འགྲེམས་སྟོན་གོ་སྒྲིག་གནང་བ།
◆ བསྟན་འཛིན་སྒང་དུ་མི་མང་ཚོག...
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༣།༡༢ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– March 12, 2026
◆ བཞུགས་སྒར་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ ༣༠༠ ལྷག་ལྷན་འཛོམས་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་དབུ་འཛུགས་གནང་བ།
◆ ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Wu Pei Yi མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་ལྷན་དུ་མཇལ་འཕྲད་གནང་བ།
◆ དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དབུ་བཞུགས་ཐོག་བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༧ པ་བསྐོང་ཚོགས་གནང་བ།
◆...
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༣།༡༡ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– March 11, 2026
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།
◆ འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སྲུང་བརྩི་ཞུས་པ་དང་། རྒྱལ་ཁབ་མང་དག་ཅིག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བཏོན་པ།
◆ ཨོ་གླིང་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱས་པའི་དྲག་པོའི་སྲིད་བྱུས་ལ་སྐྱོན་བརྗོད་དང་༧སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་ངོ་རྒོལ་གནང་བ།
◆ ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་...







